定位当前位置: 中华网佛教全国佛讯拉萨市城镇和主城区寺庙5月20日起逐步对外开放 大昭寺除外
分享分享到 微博 微信 QQ空间
分享到微信 x
打开微信,点击底部的“发现”,
使用“扫一扫”即可将网页分享至朋友圈。

拉萨市城镇和主城区寺庙5月20日起逐步对外开放 大昭寺除外

浏览量3.3万 文章作者网络 发布时间2020-05-20



2020年5月19日,拉萨市佛教协会发布《关于逐步恢复我市城镇和主城区寺庙对外开放的公告》。全文如下:



按照中央精神,根据区、市党委疫情防控工作总体安排,经市佛教协会充分征求各寺庙意见建议,决定除大昭寺以外全市城镇和主城区各寺庙自2020年5月20日起逐步恢复对外开放。


寺庙恢复对外开放后,本地群众凭身份证入寺朝拜,外来信众及游客凭身份证及疫情防控行程卡二维码扫码入寺朝拜参观。入寺朝拜参观请自觉佩戴口罩,自觉配合体温检测、消毒等防控工作,严禁拥挤、滞留、聚集。


请各寺庙严格落实外防输入、内防反弹的总体防控要求,严把宗教活动场所入口关,深化寺庙内部测体温、戴口罩、勤消毒、常通风等防控措施,确保万无一失。全市各寺庙暂不举办各类有信众参与的聚集性宗教活动。


大昭寺因正在实施寺庙整体安消防、电力提升改造及文物保护工程,故暂不对外开放。开放时间,另行通知。


恳请广大信众予以谅解支持,并相互转告。


拉萨市佛教协会

2020年5月19日

 

རང་གྲོང་ཁྱེར་གྱི་རྫོང་གྲོང་དང་གྲོང་ཁྱེར་ལྟེ་བའི་ཁུལ་གྱི་དགོན་སྡེ་ཁག་ རིམ་བཞིན་ཕྱི་ཕྱོགས་ལ་སྒོ་ཕྱེ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

 

ཀྲུང་དབྱང་གི་དགོངས་དོན་གཞིར་བཟུང་། ལྗོངས་དང་གྲོང་ཁྱེར་ཏང་ཨུད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་གྱི་སྤྱིའི་བཀོད་སྒྲིག་ལྟར། ངེད་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་རྒྱ་ཆེའི་དགོན་སྡེ་ཁག་གི་བསམ་འཆར་བསྡུ་ལེན་གཏིང་ཟབ་བྱས་པ་བརྒྱུད། གཙུག་ལག་ཁང་ཕུད་པའི་རང་གྲོང་ཁྱེར་གྱི་རྫོང་གྲོང་དང་གྲོང་ཁྱེར་ལྟེ་བའི་ཁུལ་གྱི་དགོན་སྡེ་ཁག་སྤྱི་ལོ་༢༠༢༠ལོའི་ཟླ་༥པའི་ཚེས་༢༠ཉིན་ནས་བཟུང་རིམ་བཞིན་ཕྱི་ཕྱོགས་ལ་སྒོ་ཕྱེ་རྒྱུ་ཡིན།


ཆོས་ལུགས་བྱེད་སྒོ་སྤེལ་ཡུལ་ཁག་སྒོ་ཕྱེ་རྗེས་ས་གནས་དེ་གའི་རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་ཡུལ་མིའི་ཐོབ་ཐང་ལག་ཁྱེར་བསྣམས་ཏེ་ཆོས་མཇལ་ལ་ཕེབས་ན་འགྲིག ཕྱི་ཕྱོགས་ཀྱི་དད་ལྡན་པ་དང་ཡུལ་སྐོར་བས་ཡུལ་མིའི་ཐོབ་ཐང་ལག་འཁྱེར་དང་། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགྲོ་བསྐྱོད་ཨང་བཤེར་ལས། དགོན་པར་མཆོད་མཇལ་དང་གནས་གཟིགས་ལ་ཕེབས་ཆོག རེ་བར་དགོན་པར་ཕེབས་སྐབས་ཁ་རས་ཡག་པོ་སྐྱོན་པ་དང་། རང་འགུལ་ངང་ཚ་བ་བལྟ་བ། དུག་སེལ་བྱེད་པ་སོགས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་ལ་གཞོགས་འདེགས་ཡག་པོ་གནང་བ་ལས་འཚང་ཁ་རྒྱག་པ་དང་། རང་དགར་བཞུགས་པ། འདུ་འཛོམས་སོགས་གནང་མི་ཆོག


དགོན་པ་ཁག་གིས་མུ་མཐུད་ཕྱི་ངོས་ནས་རིམས་ནད་ནང་འཛུལ་སྔོན་འགོག་དང་། ནང་ངོས་སུ་རིམས་ནད་ལྡོག་འཕར་ལ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གྱི་སྤྱིའི་རེ་བ་ལྟར། དགོན་པའི་འགག་སྒོ་དམ་སྲུང་བྱས་ནས། དགོན་སྡེ་ནང་ངོས་སུ་ཚ་བ་བལྟ་བ་དང་། ཁ་རས་རྒྱག་པ། དུག་སེལ་བྱེད་པ། མཁའ་རླུང་འགྲོ་བསྐྱོད་ལེགས་པོ་ཡོང་བ་སོགས་སྔོན་འགོག་ཚོད་འཛིན་གྱི་ལས་དོན་གཏིང་ཟབ་སྤེལ་ནས། གནས་ཚུལ་གང་ཡང་མི་ལྷགས་པའི་འགན་སྲུང་བྱེད་དགོས། གྲོང་ཁྱེར་ཡོངས་ཀྱི་དགོན་སྡེ་ཁག་གིས་གནས་སྐབས་རིང་དད་ལྡན་མང་ཚོགས་འདུ་འཛོམས་ཆེན་པོ་ཡོད་པའི་ཆོས་ལུགས་བྱེད་སྒོ་མཚམས་འཇོག་བྱེད་རྒྱུ་ཡིན།


གཙུག་ལག་ཁང་ནི་མིག་སྔར་དགོན་པའི་བདེ་སྲུང་དང་། མེ་ཟོན། གློག་ཤུགས་མཐོར་འདེགས་སོགས་རིག་དངོས་སྲུང་སྐྱོབ་ལས་གྲྭ་སྤེལ་གྱི་ཡོད་པས། གནས་སྐབས་ཕྱི་ཕྱོགས་ལ་སྒོ་ཕྱེ་རྒྱུ་མིན་ཞིང་། སྒོ་ཕྱེ་བའི་དུས་ཚོད་རྗེས་སུ་བརྡ་ལན་སྤེལ་རྒྱུ་ཡིན།


རྒྱ་ཆེའི་དད་ལྡན་མང་ཚོགས་ཀྱིས་དགོངས་བཞེས་དང་རྒྱབ་སྐྱོར་གནང་རོགས་ཞུ་རྒྱུ་ཡིན་ལ།  སྤྱི་བསྒྲགས་འདི་ཕན་ཚུན་དབར་བརྡ་ལན་ཡོད་པ་ཞུ་རྒྱུ་ཡིན། །

 

ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ནས།

སྤྱི་ལོ་༢༠༢༠ལོའི་ཟླ་བ་༥པའི་ཚེས་༡༩ཉིན།



来源于网络